༄༅།། བོད་ཀྱི་གཞོན་སྐྱེས་ནུས་སྤེལ་ལྷན་ཚོགས་ཐེངས་བཞི་པ།
ཚོགས་ཡུལ། སྦེལ་ཀོབ་བོད་མིིའི་གཞིས་ཆགས།
ཚོགས་དུས། ༢༠༡༧ ལོའི་ཟླ་ ༡༢ པའི་ཚེས་ ༡༤ ནས་ ༡༧།
ལོ་ངོ་ལྔ་བཅུ་ང་བརྒྱད་ཙམ་གྱི་བཙན་བྱོལ་གྱི་ལོ་རྒྱུས་ཁྲོད་བོད་མི་རྣམས་ཀྱིས་ཧི་མ་ལ་ཡའི་རི་འདབས་ནས་ལམ་བཟོའི་་ངལ་རྩོལ་སོགས་བྱས་ནས་ད་ལྟ་འཛམ་གླིང་ཁྱོན་ཡོངས་ལ་གྲུབ་འབྲས་ལྡན་པའི་སྐྱབས་བཅོལ་སྤྱི་ཚོགས་ཤིག་གི་དཔེ་མཚོན་ལ་འགྱུར་ཡོད་ལ། ད་ལྟ་བོད་མིའི་ཁྲོད་འབྲི་ཀློག་གི་གྲངས་ཚད་མཐོ་བོ་ཡོད་ནའང་། བོད་རིགས་གཞོན་སྐྱེས་རྣམས་མ་འོངས་པར་བོད་མིའི་སྤྱི་ཚོགས་ལ་ཞབས་འདེགས་ཞུ་རྒྱུ་དང་། ཁོ་ཚོ་ནུས་པ་ལྡན་པ་དང་རང་སྐྱ་འཕེར་བ་ཆགས་ཐུབ་པར་ལམ་སྟོན་དང་སྐུལ་འདེད་གཏང་རྒྱུ་ནི། དེ་ལས་གལ་འགངས་ཆེ་བ་ཞིག་ཆགས་ཡོད།
གནད་དོན་དེ་དག་གྲུབ་ཐུབ་པའི་ཆེད་དུ། ན་གཞོན་ནུས་སྤེལ་ལས་གཞི་(ENVISION) ནས་གཞོན་སྐྱེས་ཚོེར་ནུས་པ་སྐྱེས་བསྲིངས་བྱ་རྒྱུའི་ལས་དོན་དང་འབྲེལ་ནས། ད་བར་བོད་ཀྱི་གཞོན་སྐྱེས་ནུས་སྤེལ་ལྷན་ཚོགས་ཐེངས་གསུམ་གོ་སྒྲིག་ཞུས་ཡོད་ལ། འདི་ནི་ལོ་གཉིས་རེའི་ནང་ཐེངས་རེ་འཚོགས་བཞིན་ཡོད་པ་དང་། དམིགས་ཡུལ་གཙོ་བོ་ནི། ལོ་བཅོ་བརྒྱད་ནས་སུམ་བཅུ་སོ་ལྔ་བར་གྱི་གཞོན་སྐྱེས་ཚོའི་ནུས་པ་སྐྱེས་བསྲིངས་བྱ་རྒྱུ་དེ་རེད།
༢༠༡༧ ལོའི་བོད་ཀྱི་གཞོན་སྐྱེས་ནུས་སྤེལ་ལྷན་ཚོགས།
འདི་ལོའི་བོད་ཀྱི་གཞོན་སྐྱེས་ནུས་སྤེལ་ལྷན་ཚོགས་ཀྱི་ཚོགས་འདུ་བཞི་པའི་ནང་། ཕོ་མོའི་གྲངས་ཚད་དང་ས་ཆ། ཆེད་ལས་སོགས་ཀྱི་ཆ་སྙོམས་ཀྱི་ངོ་ཚབ་མཚོན་ཐུབ་པའི་ཆེད། ཚོགས་ཞུགས་པ་ལྔ་བཅུ་ལྷག་ཙམ་མཉམ་ཞུགས་བྱེད་ཀྱིན་ཡོད་པ་དང་། འདི་སྔོན་དང་མ་འདྲ་བར་ད་ལན་གྱི་ཚོགས་འདུའི་འདི་ནང་། གཏམ་བཤད་བྱེད་མཁན་ཕལ་ཆེ་བ་ཞིག་གཞོན་སྐྱེས་ཚོ་ཡིན་ལ། ཁོ་ཚོས་ད་ལན་གྱི་ཚོགས་འདུ་འདི་ནང་སོ་སོའི་ལས་དོན་དང་འབྲེལ་བའི་ཐོག་ནས་བསམ་ཚུལ་བརྗེ་རེས་དང་། ཚོགས་ཞུགས་པ་དང་གཏམ་བཤད་གནང་མཁན་ཕལ་ཆེ་བ་ཞིག་རྒྱ་གར་ལྷོ་ཕྱོགས་ས་ཁུལ་ནས་ཕེབས་ཀྱིན་ཡོད།
ཚོགས་འདུའི་གོ་རིམ་དུས་མཚམས་གཉིས་སུ་ཕྱེས་ཡོད་ལ། དུས་མཚམས་དང་པོིོའི་འདི་ག་ན་གཞོན་ནུས་སྤེལ་ལས་གཞི་ནས་སློབ་ཡོན་ཐོབ་པའི་བོད་རིགས་གཞོན་སྐྱེས་ཚོས་སོ་སོའི་སྒེར་གྱི་མངོན་དོད་དང་གྲུབ་འབྲས་རྣམས་ངོ་སྤྲོད་དང་གྲོས་བསྡུར་བྱ་རྒྱུའི་སྡིངས་ཆ་ཞིག་བསྐྲུན་རྒྱུ་དང་། དུས་མཚམས་རེ་རེའི་ནང་གཏམ་བཤད་གནང་མཁན་ལྔ་ལས་མི་ཉུང་བ་ཡོད། དེ་དང་མཉམ་དུ་གྲུབ་འབྲས་གཟེངས་སུ་ཐོན་པའི་གཞོན་སྐྱེས་མི་རབས་གསར་པ་ཚོར་སོ་སོའི་ལས་དོན་དང་བསམ་ཚུལ་བརྗོད་སའི་སྡིངས་ཆ་ཞིག་བསྐྲུན་རྒྱུ་དང་། དུས་མཚམས་ཕལ་ཆེ་བའི་ནང་ན་གཞོན་ནུས་སྤེལ་ལས་གཞི་ཡི་རོགས་སྐྱོར་ཐོབ་པའི་གཞོན་སྐྱེས་གཏམ་བཤད་གནང་མཁན་ཚོ་ཕུད། གཞན་གཏམ་བཤད་གནང་མཁན་གྱི་ཁོངས་སུ་བཙན་བྱོལ་དང་འཛམ་གླིང་ས་ཕྱོགས་འདྲ་མིན་ལ་ཡོད་པའི་གྲུབ་འབྲས་གཟེངས་སུ་ཐོན་པའི་བོད་རིགས་གཞན་སྐོར་ཞིག་ཀྱང་མཉམ་ཞུགས་བྱེད་ཀྱིན་ཡོད། ཉིན་རྒྱབ་ཀྱི་དུས་མཚམས་གཉིས་པའི་ནང་ན་གཞོན་བོད་རིགས་གཞོན་སྐྱེས་ཚོར་སོ་སོིའི་སྒེར་གྱི་དམིགས་ཡུལ་དང་ནུས་སྟོབས་གོང་སྤེལ་ཐོག་ཟབ་སྦྱོང་སྤྲོད་རྒྱུ།
ཚོགས་འདུའི་ལས་རིམ་གསུམ་པ་ནི། ས་གནས་མི་མང་དང་ཕན་ཚུན་བསམ་ཚུལ་བརྗེ་རེས་ཀྱི་ཐོག་ནས་གྲོས་བསྡུར་དང་གནས་ཚུལ་རྒྱུས་ལོན་བྱ་རྒྱུ་སོགས་ཡིན་ལ། འདི་ལོིའི་བོད་ཀྱི་གཞོན་སྐྱེས་ནུས་སྤེལ་ལྷན་ཚོགས་དེ་བཙན་བྱོལ་བོད་མི་ཡི་གཞིས་ཆགས་ཆེ་ཤོས་ལྷོ་ཕྱོགས་སྦེལ་ཀོབ་གཞིས་ཆགས་ལ་ཚོགས་འཆར་ཡོད་ཅིང་། ཚོགས་འདུའི་ལས་དོན་དང་འབྲེལ་ནས་གྲུབ་འབྲས་གཟེངས་སུ་ཐོན་པའི་ས་གནས་བོད་མི་དང་། སློབ་ཕྲུག གཞིས་ཆགས་བསྐོར་བསྐྱོད་སོགས་བྱ་རྒྱུ་ཡིན་པ་རེད།
དམིགས་ཡུལ་དང་བསྒྲུབ་བྱ།
༡༽ བོད་རིགས་གཞོན་སྐྱེས་དང་ཆེད་ལས་པ། ན་གཞོན་ནུས་སྤེལ་ལས་གཞི་ཡི་རོགས་སྐྱོར་ཐོབ་མཁན་ཚོའི་བར་སྒེར་དང་སྤྱི་ཚོགས་ཡར་རྒྱས་ཀྱི་གནད་དོན་ཐོག་གྲོས་བསྡུར་དང་བསམ་ཚུལ་བརྗེ་རེས་བྱ་རྒྱུའི་སྡིངས་ཆ་བསྐྲུན་རྒྱུ།
༢༽ བོད་རིགས་གཞོན་སྐྱེས་ཚོར་འགོ་འཁྲིད་ཟབ་སྦྱོང་སྤྲོད་རྒྱུ།
༣༽ བོད་རིགས་གཞོན་སྐྱེས་ཚོའི་མངོན་དོད་གྲུབ་ཐུབ་པའི་ཆེད་དུ་ལམ་སྟོན་བྱ་རྒྱུ།
༤༽ བོད་རིགས་གཞོན་སྐྱེས་ཚོའི་གྲུབ་འབྲས་ལ་ཆེ་བསྟོད་དང་གྲོས་བསྡུར་བྱ་རྒྱུ།
གྲོས་འདོན་བྱེད་པའི་གྲུབ་འབྲས།
༡༽ ཚོགས་ཞུགས་པ་རྣམས་སེམས་འགུལ་ཐེབས་པའི་ཐོག་ནས་འཚོ་བར་དགོས་དོན་རྙེད་པ།
༢༽ ཚོགས་ཞུགས་པ་རྣམས་སོ་སོ་ཡར་རྒྱས་གཏང་རྒྱུའི་ཐབས་རྩལ་གསར་བ་རྙེད་པ།
༣༽ བཙན་བྱོལ་སྤྱི་ཚོགས་ནང་གྲུབ་འབྲས་གཟེངས་སུ་ཐོན་པའི་བོད་མི་མི་རབས་གསར་བའི་སྐོར་དོ་སྣང་སྤེལ་བ།
༤༽ ཚོགས་ཞུགས་པ་རྣམས་འབྲེལ་བ་བྱ་རྒྱུའི་བརྒྱུད་ལམ་གང་མང་ཤེས་པ།
༥༽ ན་གཞོན་ནུས་སྤེལ་ལས་གཞི་ཡི་རོགས་སྐྱོར་ཐོབ་པའི་ཚོགས་ཞུགས་པ་རྣམས་ནས། ན་གཞོན་ནུས་སྤེལ་ལས་གཞི་ཡི་ལས་དོན་སོགས་ལ་དཔྱད་ཞིབ་བྱེད་ཐུབ་པ།
༦༽ སྤྱི་ཚོགས་ཡར་རྒྱས་གཏོང་ཐུབ་མཁན་གྱི་མི་སྣ་ཞིག་འགྱུར་བར་གོ་སྐབས་བསྐྲུན་རྒྱུ།
Global Vision for Young Tibetans Conference
Tibetan Settlement, Bylakuppe
14-17 December 2017
Fifty-eight years in exile, Tibetans today have come a long way from labouring on roads in the foothills of Himalayas and are considered one of the most successful refugee community in the world. Despite the fact that literacy rate is high among Tibetans, yet the need to continue to motivate and inspire young Tibetans to become self-reliant, dynamic and contributing members of the community in which they live are ever greater.
In addressing the need, over the years ENVISION as part of its youth empowering initiatives has organized four Global Vision for Young Tibetans Conferences (GVYT). This is a biennale event emphasizing the motto Mindful Tibetan with a Global Vision, primarily between the ages of 18-35.
This year the conference will be hosted in Bylakuppe, one of the biggest Tibetan settlements in South India, also ensuring maximum participation from southern settlement and regions. The conference will bring together mostly young contributors to share their work and views on issues affecting them.
To ensure deeper and active engagement of the participants, the conference will have two components: motivational session and learning session. Further, there will be three informal sessions with the local community members including an exchange with student bodies, local community change makers, and an educational tour of the settlement.
In Short, the objective of the conference is:
- To facilitate a platform where young Tibetan students, professionals and ENVISION beneficiaries gather to discuss and share ideas for self and community development
- To provide leadership training to young Tibetans
- To inspire and motivate young Tibetans to achieve their aspirations
- To celebrate success and achievements of young Tibetans
Through the conference, we hope:
- Participants will leave with a greater sense of purpose and motivation
- Participants would have acquired some new skills on self-development
- Create awareness of emerging Tibetan generations in the community
- Network opportunities for participants
- Assess impact of ENVISION programmes through participating beneficiaries
- Create opportunities to become agents of change in the community